སྒེར་དབང་ཐོབ་ཐང་།

དོན་ཚན་བཅུ་གཉིས་པ། 

མི་སུས་ཀྱང་གཞན་གྱི་སྒེར་དབང་དང་ནང་མི། ཁྱིམ་མི། ཡིག་འབྲེལ་བཅས་ལ་གང་བྱུང་ཐེ་གཏོགས་བྱས་མི་ཆོག་པར་མ་ཟད། གཞན་གྱི་ཆེ་མཐོངས་དང་མིང་གྲགས་ལ་སུས་ཀྱང་གནོད་འཚེ་བཏང་མི་ཆོག