ངག་དབང་ཕུལ་བྱུང།

This shortcode LP Profile only use on the page Profile

ངག་དབང་ཕུལ་བྱུང་།

མིང་གཞན་ཨ་ནུ། རང་ལོ་༤༡། སྐྱེས་ཡུལ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ཁོངས་ཀྱི་ཡབ་མདའ་ནས་ཡིན། ཕྱི་ལོ་༡༩༨༤ ལོར་འབྲས་སྤུངས་དགོན་པའི་ཆོས་སྒོར་ཞུགས། ཕྱི་ལོ་༡༩༨༧ ཟླ་༩ ཚེས་༢༧ ཉིན་ལྷ་སར་བོད་རང་བཙན་གྱི་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་སྤེལ་སྐབས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ལྟ་སྲུང་ཁང་དུ་ཟླ་༤ ཙམ་རིང་བཀག་ཉར་བྱས་རྗེས་གློད་གྲོལ་བཏང་། དེའི་རྗེས་བོད་རང་བཙན་གྱི་ཡིག་ཆ་འགྲེམ་སྤེལ་དང་གསང་བ་ཕྱི་གྱར། བོད་རང་བཙན་གྱི་ཚོགས་པའི་ནང་ཞུགས་པ་དང་ཚོགས་གཙོའི་འགན་ཁུར་བ་སོགས་ཀྱི་གནས་ཚུལ་འོག་ཏུ་ཕྱི་ལོ་༡༩༨༩ ཟླ་༤ ཚེས་༢༢ ཉིན་འབྲས་སྤུངས་དགོན་ནས་འཛིན་བཟུང་གིས་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ལྟ་སྲུང་ཁང་དུ་བཀག་བསྐྱིལ་བྱས། ཕྱི་ལོ་༡༩༨༩ ཟླ་༡༡ ཚེས་༢༨ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཚོགས་ཁང་ནང་དུ་མི་དམངས་༡༥༠༠ ཙམ་ཞུགས་པའི་བཅད་ཁྲ་ཡོངས་བསྒྲགས་ཀྱི་ཚོགས་ཆེན་ཐོག་མི་ལོ་༡༩ དུས་བཙོན་དང་ཆབ་སྲིད་ཀྱི་ཐོབ་ཐང་ལོ་༥ འཕྲོག ཕྱི་ལོ་༡༩༩༠ ཟླ་༡ ཚེས་༡༤ ཉིན་བོད་རང་སྐྱོང་ལྗོངས་ཀྱི་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས། ཕྱི་ལོ་༢༠༠༧ ཟླ་༡༠ ནང་བཙོན་འཇུག་གི་དུས་ཡུན་ཚང་ནས་གློད་གྲོལ་བཏང་། ད་ལྟ་བོད་ནང་དུ་ཡོད།