འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ནས་མི་ལོ་༧༠ འཁོར་བ།

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས། ཕྱི་ལོ་༢༠༡༨ ཟླ་༡༢ ཚེས་༡༠ ཉིན་ཏེ། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ནས་མི་ལོ་༧༠ འཁོར་བར་ཉིན་གྲངས་བཅུ་སྔ་སྣུར་གྱིས། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དེ་བོད་ཡིག་ཐོག་དཔར་འགྲེམ་བྱས་ནས་མི་ལོ་༣༠ འཁོར་བ་དང་འབྲེལ་ཏེ་བོད་ཡིག་རྐྱང་བའི་དྲ་ཚིགས་དབུ་འབྱེད་དང་སྟབས་བསྟུན་དུས་དྲན་སྲུང་བརྩི་བྱས་ནས། བོད་མིའི་སྤྱི་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཐབས་སུ་རྒྱ་ཆེའི་མི་མང་ལ་འགྲོ་བ་མིའི་ཐོབ་ཐང་གི་གོ་རྟོགས་སྤེལ་ཐབས་དང་། རྒྱ་ཆེ་མི་མང་མཉམ་ཞུགས་ཡོང་ཐབས། རྒྱ་ཆེའི་མི་མང་ནས་ཕྱར་བ་གྲུ་འདེགས་གནང་བར་སྐུལ་འདེད་གཏོང་གི་ཡོད།

ཕྱི་ཟླ་༡༢ ཚེས་༡༠ ཉིན་ནི། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ནི། འགྲོ་བ་མི་ཚང་མར་གཅིག་མཚུངས་དང་ལྷན་སྐྱེས་སུ་གཞི་རྩའི་ཐོབ་ཐང་དང་རང་དབང་ཡོད་པར་གསལ་འདེབས་ཀྱི་ཡིག་ཆ་ཐོག་མ་ཡིན་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་རྩ་འཛིན་ཡིག་ཆར་ངོས་འཛིན་བྱས་ཡོད། དེ་ནི་ཁྲིམས་ལུགས་དང་རིག་གཞུང་སྣ་ཚོགས་ཀྱི་རྒྱབ་ལྗོངས་ཡོད་པའི་འཐུས་མི་མང་པོ་འདུ་འཛོམས་ཀྱིས་ཟིན་བྲིས་སུ་བཏབ་པ་ཞིག་ཡིན་པ་རེད།

གལ་ཆེའི་རྩ་འཛིན་ཡིག་ཆ་འདི་ཡོངས་ཁྱབ་གསལ་བསྒྲགས་བྱས་པའི་ཉིན་མོ་སྲུང་བརྩི་དང་བསྐྱར་དུ་བསྒྲགས་གཏམ་དེ་དྲན་གསོ་ཞུ་ཆེད། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་མི་ལོ་༧༠ འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་ཏེ་ལོ་ཧྲིལ་བོར་ལས་འགུལ་སྤེལ་བའི་ལས་འཆར་ནང་མཉམ་ཞུགས་བྱས་ཡོད། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་འདི་ནི་ཕྱི་ལོ་༡༩༤༨ ཟླ་༡༢ ཚེས་༡༠ ཉིན་ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གཏན་འབེབས་གནང་བའི་ལོ་རྒྱུས་རང་བཞིན་ཅན་གྱི་ཡིག་ཆ་གལ་ཆེན་ཞིག་ཡིན། ཁྲིམས་ལུགས་རྩ་འཛིན་ཡིག་ཆ་འདིས་ཡུལ་དུས་གནས་བབས་གང་དུ་ཡང་དཔལ་འབྱོར་དང་། སྤྱི་ཚོགས། ཆབ་སྲིད། རིག་གཞུང་། སྤྱི་དམངས་ཀྱི་ཐོབ་ཐང་བཅས་ནི་ཀུན་ལ་ཁྱབ་པ་དང་། ལྷན་སྐྱེས་སུ་ཡོད་པ། དབྱེ་འབྱེད་མེད་པ། ཕན་ཚུན་འབྲེལ་བ་དམ་ཟབ་ཡོད་པར་ཁག་ཐེག་གཏན་འབེབས་བྱས་ཡོད།

དེར་མ་ཟད། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ནི་བོད་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཁྲོད་དུའང་གལ་འགངས་ཆེན་པོ་ཆགས་ཡོད། ཕྱི་ལོ་༡༩༨༨ ལོར་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་འདི་ལ་ངོས་འཛིན་ཐོག་མར་བྱས་ཤིང་། དེ་ནི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་༤༠ འཁོར་བའི་རྗེས་སུ་རེད། ཕྱི་ལོ་༡༩༨༠ ནས་བོད་ནང་དུ་རྒྱ་གཞུང་གི་དབང་སྒྱུར་དང་དྲག་གནོན་སྲིད་ཇུས་ལ་བོད་མིས་ཞི་རྒོལ་ལས་འགུལ་རབ་དང་རིམ་པར་སྤེལ་དང་སྤེལ་མུས་ཡིན་པ་རེད། མི་ལོ་ཁ་ཤས་རིང་ལ་རིག་གནས་གསར་བརྗེས་བསྐྱེད་པའི་མི་སྤྱོད་ལས་འདས་པའི་བཙན་གནོན་གྱི་དཀའ་སྡུག་མ་བཟོད་པར། བོད་མི་རྣམས་རྒྱལ་ས་ལྷ་སའི་གཞུང་ལམ་སྟེང་དུ་འདུ་འཛོམས་ཀྱིས་རྒྱ་གཞུང་གི་དབང་སྒྱུར་ལ་སྐྱོན་བརྗོད་དང་། འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་པའི་རེ་འདུན་བཏོན་ཡོད། ཕྱི་ལོ་༡༩༨༧ ཟླ་༩ ནས་ཕྱི་ལོ་༡༩༨༩ ཟླ་༣ བར་ལྷ་ས་རུ་རྔམ་སྟོན་ཁྲོམ་སྐོར་ཐེངས་ཉིས་བརྒྱ་ཙམ་བྱུང་ཞིང་། ཞི་བའི་རྔམ་སྟོན་ཁྲོམ་སྐོར་སྐབས་སུ་རྒྱ་གཞུང་གིས་ཞི་རྒོལ་ལས་འགུལ་བ་རྣམས་འཛིན་བཟུང་བཙོན་འཇུག་བྱས་པའི་གྲས་སུ། འབྲས་སྤུངས་དགོན་གྱི་དགེ་འདུན་པ་༡༠ ཡོད་ལ། ཁོང་རྣམ་པ་ཕྱི་ལོ་༡༩༨༧ ཟླ་༩ ནང་འཛིན་བཟུང་བཀག་ཉར་བྱས་ཤིང་། ཕྱི་ལོ་༡༩༨༨ ཟླ་༡ ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་ལ་བརྟེན་ནས་གློད་གྲོལ་གཏོང་དགོས་བྱུང་ཡོད། ཁོང་པ་རྣམ་ཚོ་གློད་གྲོལ་བཏང་ནས་ཡུན་རིང་མ་འགོར་བར། ངག་དབང་ཕུལ་བྱུང་གིས་སྣེ་ཁྲིད་དེ་བོད་ཡིག་ཐོག་བསྒྱུར་བའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དེ་ཐོག་མར་ཤིང་དཔར་དུ་འགྲེམ་སྤེལ་བྱས་ཤིང་། ཕྱི་ལོ་༡༩༨༨ ཟླ་༡༢ ཚེས་༡༠ ཉིན་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་༤༠ འཁོར་བའི་དུས་དྲན་ཉིན་མོ་དང་བསྟུན་ནས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་གནང་ཡོད།

ཕྱི་ལོ་༡༩༨༩ ཟླ་༡༡ ཚེས་༣༠ ཉིན་ལྷ་ས་རུ་མི་མང་འདུ་འཛོམས་སར་རྒྱ་གཞུང་གིས་གོང་ཞུས་དགེ་འདུན་པ་༡༠ དེས་ལོག་སྤྱོད་ཀྱི་ཡིག་ཆ་བཀྲམ་ལུགས་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ལམ་ལུགས་ལ་སྐུར་འདེབས་ཀྱི་ནག་ཉེས་བསགས་རབས་བསྒྲགས་པ་དང་། ལོག་སྤྱོད་ཀྱི་ཡིག་ཆ་ཟེར་བ་དེའི་གྲས་སུ་དགེ་འདུན་པ་དེ་དག་གིས་ཤིང་དཔར་དུ་བཏབ་པའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བོད་འགྱུར་མ་དེ་ཡང་ཚུད་ཡོད། སྐབས་དེར་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དེ་བོད་ཡིག་ནང་ཤིང་དཔར་གནང་མཁན་དགེ་འདུན་པ་༡༠ གཙོས་པའི་བོད་རང་བཙན་གྱི་རྔམ་སྟོན་ཁྲོམ་སྐོར་ཐོག་མར་གནང་མཁན་ཚོ་འཛིན་བཟུང་གིས་ཁྲིམས་འགལ་དུས་བཙོན་གྱི་ཉེས་ཆད་བཅད་པ་རེད།

དེ་རིང་ང་ཚོས་འབྲས་སྤུངས་དགོན་གྱི་དགེ་འདུན་པ་༡༠ གཙོས་པའི་བོད་རང་དབང་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་བཅས་ཀྱི་ཆེད་དུ་ཐ་ན་རང་གི་གཅེས་སྲོག་ཡན་ཆད་བློས་གཏོང་མཁན་བོད་ནང་གི་བོད་མིའི་མཛད་རྗེས་དང་སྙིང་སྟོབས་ལ་གུས་འདུད་དང་བརྩི་བཀུར་ཞུ་ཡི་ཡོད་ལ། བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ལ་དམིགས་བསལ་དོ་སྣང་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་དང་སྲུང་སྐྱོབ་ཡོང་ཐབས། དེ་བཞིན་འབྲས་སྤུངས་དགོན་གྱི་དགེ་འདུན་པ་༡༠ ཡིས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བོད་ཡིག་ཐོག་དཔར་འགྲེམ་བྱས་ནས་ལོ་ངོ་༣༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཆེད། འདི་ག་ལྟེ་གནས་ཁང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་གོ་རྟོགས་འཕེལ་ཐབས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་ནས། བོད་མི་རྒན་དར་གཞོན་གསུམ་དང་། སེར་སྐྱ་ཕོ་མོ་དབྱེར་མེད། ལས་རིགས་སྣ་ཚོགས་གཉེར་མཁན་ཚོས་དོན་ཚན་༣༠ བདག་ཉིད་ཅན་དུ་གྲུབ་པའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དེ་བོད་སྐད་ཡིག་ནང་ཁ་གསལ་གོ་བདེར་སྒྱུར་སྒྲིག་འགྲེམ་སྤེལ་བྱས་པར་ཐུགས་སྣང་དང་གཞོགས་འདེགས་གནང་བའི་རེ་སྐུལ་ཞུ་བཞིན་ཡོད།

དེར་མ་ཟད། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ནི་བོད་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཁྲོད་དུའང་གལ་འགངས་ཆེན་པོ་ཆགས་ཡོད། ཕྱི་ལོ་༡༩༨༨ ལོར་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་འདི་ལ་ངོས་འཛིན་ཐོག་མར་བྱས་ཤིང་། དེ་ནི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་༤༠ འཁོར་བའི་རྗེས་སུ་རེད། ཕྱི་ལོ་༡༩༨༠ ནས་བོད་ནང་དུ་རྒྱ་གཞུང་གི་དབང་སྒྱུར་དང་དྲག་གནོན་སྲིད་ཇུས་ལ་བོད་མིས་ཞི་རྒོལ་ལས་འགུལ་རབ་དང་རིམ་པར་སྤེལ་དང་སྤེལ་མུས་ཡིན་པ་ཡིན། མི་ལོ་ཁ་ཤས་རིང་ལ་རིག་གནས་གསར་བརྗེས་བསྐྱེད་པའི་མི་སྤྱོད་ལས་འདས་པའི་བཙན་གནོན་གྱི་དཀའ་སྡུག་མ་བཟོད་པར། བོད་མི་རྣམས་རྒྱལ་ས་ལྷ་སའི་གཞུང་ལམ་སྟེང་དུ་འདུ་འཛོམས་ཀྱིས་རྒྱ་གཞུང་གི་དབང་སྒྱུར་ལ་སྐྱོན་བརྗོད་དང་། འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་པའི་རེ་འདུན་བཏོན་ཡོད། ཕྱི་ལོ་༡༩༨༧ ཟླ་༩ ནས་ཕྱི་ལོ་༡༩༨༩ ཟླ་༣ བར་ལྷ་ས་རུ་རྔམ་སྟོན་ཁྲོམ་སྐོར་ཐེངས་ཉིས་བརྒྱ་ཙམ་བྱུང་ཞིང་། ཞི་བའི་རྔམ་སྟོན་ཁྲོམ་སྐོར་སྐབས་སུ་རྒྱ་གཞུང་གིས་ཞི་རྒོལ་ལས་འགུལ་བ་རྣམས་འཛིན་བཟུང་བཙོན་འཇུག་བྱས་པའི་གྲས་སུ། འབྲས་སྤུངས་དགོན་གྱི་དགེ་འདུན་པ་༡༠ ཡོད་ལ། ཁོང་རྣམ་པ་ཕྱི་ལོ་༡༩༨༧ ཟླ་༩ ནང་འཛིན་བཟུང་བཀག་ཉར་བྱས་ཤིང་། ཕྱི་ལོ་༡༩༨༨ ཟླ་༡ ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་ལ་བརྟེན་ནས་གློད་གྲོལ་གཏོང་དགོས་བྱུང་ཡོད། ཁོང་པ་རྣམ་ཚོ་གློད་གྲོལ་བཏང་ནས་ཡུན་རིང་མ་འགོར་བར། ངག་དབང་ཕུལ་བྱུང་གིས་སྣེ་ཁྲིད་འོག་ཏུ་བོད་ཡིག་ཐོག་བསྒྱུར་བའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དེ་ཐོག་མར་ཤིང་དཔར་དུ་འགྲེམ་སྤེལ་བྱས་ཤིང་། ཕྱི་ལོ་༡༩༨༨ ཟླ་༡༢ ཚེས་༡༠ ཉིན་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་༤༠ འཁོར་བའི་དུས་དྲན་ཉིན་མོ་དང་བསྟུན་ནས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་གནང་ཡོད།

ཕྱི་ལོ་༡༩༨༩ ཟླ་༡༡ ཚེས་༣༠ ཉིན་ལྷ་ས་རུ་མི་མང་འདུ་འཛོམས་སར་རྒྱ་གཞུང་གིས་གོང་ཞུས་དགེ་འདུན་པ་༡༠ དེས་ལོག་སྤྱོད་ཀྱི་ཡིག་ཆ་བཀྲམ་ལུགས་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ལམ་ལུགས་ལ་སྐུར་འདེབས་ཀྱི་ནག་ཉེས་བསགས་རབས་བསྒྲགས་པ་དང་། ལོག་སྤྱོད་ཀྱི་ཡིག་ཆ་ཟེར་བ་དེའི་གྲས་སུ་དགེ་འདུན་པ་དེ་དག་གིས་ཤིང་དཔར་དུ་བཏབ་པའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བོད་འགྱུར་མ་དེ་ཡང་ཚུད་ཡོད། སྐབས་དེར་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དེ་བོད་ཡིག་ནང་ཤིང་དཔར་གནང་མཁན་དགེ་འདུན་པ་༡༠ གཙོས་པའི་བོད་རང་བཙན་གྱི་རྔམ་སྟོན་ཁྲོམ་སྐོར་ཐོག་མར་གནང་ཚོ་འཛིན་བཟུང་གིས་ཁྲིམས་འགལ་དུས་བཙོན་གྱི་ཉེས་ཆད་བཅད་པ་རེད།

དེ་རིང་ང་ཚོས་འབྲས་སྤུངས་དགོན་གྱི་དགེ་འདུན་པ་༡༠ གཙོས་པའི་བོད་རང་དབང་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་བཅས་ཀྱི་ཆེད་དུ་ཐ་ན་རང་གི་གཅེས་སྲོག་ཡན་ཆད་བློས་གཏོང་མཁན་བོད་ནང་གི་བོད་མིའི་མཛད་རྗེས་དང་སྙིང་སྟོབས་ལ་གུས་འདུད་དང་བརྩི་བཀུར་ཞུ་ཡི་ཡོད་ལ། བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ལ་དམིགས་བསལ་དོ་སྣང་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་དང་སྲུང་སྐྱོབ་ཡོང་ཐབས། དེ་བཞིན་འབྲས་སྤུངས་དགོན་གྱི་དགེ་འདུན་པ་༡༠ ཡིས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བོད་ཡིག་ཐོག་དཔར་འགྲེམ་བྱས་ནས་ལོ་ངོ་༣༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཆེད། འདི་ག་ལྟེ་གནས་ཁང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་གོ་རྟོགས་འཕེལ་ཐབས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་ནས། བོད་མི་རྒན་དར་གཞོན་གསུམ་དང་། སེར་སྐྱ་ཕོ་མོ་དབྱེར་མེད། ལས་རིགས་སྣ་ཚོགས་གཉེར་མཁན་ཚོས་དོན་ཚན་༣༠ བདག་ཉིད་ཅན་དུ་གྲུབ་པའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དེ་བོད་སྐད་ཡིག་ནང་ཁ་གསལ་གོ་བདེར་སྒྱུར་སྒྲིག་འགྲེམ་སྤེལ་བྱས་པར་ཐུགས་སྣང་དང་གཞོགས་འདེགས་གནང་བའི་རེ་སྐུལ་ཞུ་བཞིན་ཡོད།

འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས།