འཇམ་དཔལ་སྨོན་ལམ།

འཇམ་དཔལ་སྨོན་ལམ།

མིང་གཞན་དགྲ་འདུལ། རང་ལོ་༢༥། སྐྱེས་ཡུལ་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཚུལ་གུང་ཐང་ལྕགས་གྲོང་ནས་ཡིན། ཕྱི་ལོ་༡༩༨༣ ལོར་འབྲས་སྤུངས་དགོན་པར་གྲྭ་བ་བྱས། ཕྱི་ལོ་༡༩༨༧ ཟླ་༩ ཚེས་༢༧ ཉིན་ལྷ་སར་བོད་རང་བཙན་གྱི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་སྐབས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ལྟ་སྲུང་ཁང་དུ་ཟླ་༤ ཙམ་རིང་བཀག་ཉར་བྱས་རྗེས་གློད་གྲོལ་བཏང་། དེ་ནས་བོད་རང་བཙན་གྱི་ཚོགས་པའི་ནང་ཞུགས་པ་སོགས་ཀྱི་གནས་ཚུལ་འོག ཕྱི་ལོ་༡༩༨༩ ཟླ་༣ ཚེས་༨ ཉིན་འབྲས་སྤུངས་དགོན་དུ་འཛིན་བཟུང་གིས་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ལྟ་སྲུང་ཁང་དུ་བཀག་བསྐྱིལ་བྱས་ཤིང་། ཕྱི་ལོ་༡༩༨༩ ཟླ་༡༡ ཚེས་༢༨ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཚོགས་ཁང་ནང་དུ་མི་དམངས་༡༥༠༠ ཙམ་ཞུགས་པའི་བཅད་ཁྲ་ཡོངས་བསྒྲགས་ཀྱི་ཚོགས་ཆེན་ཐོག་མི་ལོ་༥ དུས་བཙོན་དང་ཆབ་སྲིད་ཀྱི་ཐོབ་ཐང་ལོ་༢ འཕྲོག ཕྱི་ལོ་༡༩༩༠ ཟླ་༡ ཚེས་༡༤ ཉིན་བོད་རང་སྐྱོང་ལྗོངས་ཀྱི་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས། ཕྱི་ལོ་༡༩༩༤ ཟླ་༧ ཚེས་༡༧ ཉིན་བཙོན་འཇུག་གི་དུས་ཡུན་ཚང་ནས་གློད་གྲོལ་བཏང་། ཕྱི་ལོ་༡༩༩༨ ཟླ་༢ ནང་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ནས་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་ཕྱག་ལས་གནང་། ད་ལྟ་ཨ་རིར་ཡོད།