ལག་བསྟར།

ང་ཚོ་ཚང་མ་མཉམ་རུབ་ཐོག་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་ཡར་རྒྱས་གཏོང་ཐུབ།
ང་ཚོས་གཞུང་སྒེར་གཉིས་ཀྱི་ཚོགས་པ་སྐྱིད་སྡུག་དང་ཚོང་གཉེར་ཁང་།
ཁྱིམ་ཚང་བཅས་ལ་ཕྱར་བ་གྲུ་འདེབས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་དང་ཡར་རྒྱས་གཏོང་བའི་འབོད་སྐུལ་ཞུས་ཆོག་སྟེ།
གཤམ་གསལ་གྱི་ཐབས་ལམ་ཁག་ལ་གཟིགས་པར་འཚལ།

འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས།


གསལ་འདེབས།

འགྲོ་བ་མིའི་ཐོབ་ཐང་གཞིར་བཟུང་གིས་ཕོ་མོ་འདྲ་མཉམ་དང་
བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་ཐབས་ཀྱི་ཟབ་སྦྱོང་།

བོད་རིགས་གཞོན་སྐྱེས་ཚོར་འགྲོ་བ་མིའི་ཐོབ་ཐང་གི་
གོ་རྟོགས་སྤེལ་ཐབས་ཀྱི་ཟབ་སྦྱོང་། མཉམ་ཞུགས་མི་སྣ།

བྱིས་པའི་ཐོབ་ཐང་དང་འབྲེལ་བའི་ལས་འགུལ།
ས་གནས། བཞུགས་སྒར་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ཁག་ཅིག་དང་།

འགན་འཁུར།

  • ཁྱེད་རང་མི་སུ་ཞིག་ཡིན་མིན་ལ་མ་བལྟས་པར། ངས་ཁྱེད་ཀྱི་ཐོབ་ཐང་ལ་བརྩི་བཀུར་བྱ་ངེས་ཡིན། ང་ཁྱེད་ཀྱི་ལྟ་ཚུལ་ལ་མོས་མཐུན་མེད་ཀྱང་། ངས་ཁྱེད་ཀྱི་ཐོབ་ཐང་ལ་བརྩི་བཀུར་བྱ་ངེས་ཡིན།

  • མི་གཅིག་གི་འགྲོ་བ་མིའི་ཐོབ་ཐང་ལ་ངོས་ལེན་མ་བྱས་པ་དེས། འགྲོ་བ་མི་ཚང་མའི་ཐོབ་ཐང་ལ་སྣང་ཆུང་བྱེད་ཀྱི་ཡོད་པས། ངས་ཁྱེད་ལ་གཞོགས་འདེགས་བྱ་ངེས་ཡིན།

  • ངས་རང་ཉིད་ཀྱི་འབོད་སྐུལ་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་ངེས་ཡིན། ངས་རང་ཉིད་ཀྱི་ཐོབ་ཐང་སྤྱད་ནས་ཁྱེད་ཀྱི་ཐོབ་ཐང་ལ་གཞོགས་འདེགས་བྱ་ངེས་ཡིན།

འགྲོ་བ་མིའི་ཐོབ་ཐང་གི་དཔའ་རྟུལ་བཅུ།

#འགྲོ་བ་མིའི་ཐོབ་ཐང་ལ་གཞོགས་འདེགས་གནང་རོགས།